登 录    |    注 册
    |        |    无障碍

墨竹工卡县防止返贫致贫对象申报政策“明白纸”(2026年双语版)

墨竹工卡县人民政府    2026年08月18日    来源:墨竹工卡县农业农村局    作者:格桑旺姆 访问量:

广大农牧民朋友:

2026年是常态化帮扶开局之年,为扎实做好常态化帮扶工作,永久守牢不发生规模性返贫致贫底线,按照党中央、国务院决策部署和自治区党委、政府工作要求,面向所有农村地区、所有农村户籍人口,以及易地搬迁等已转为城镇户籍的人口、城市规划区居住但未享受城市低保等城镇相关保障政策的农转非人口等以家庭为单位认定防止返贫致贫对象(以下简称防贫对象”),现将有关申报政策要点告知如下。

一、申请条件

2026年全区防止返贫致贫收入标准为家庭年人均可支配收入8900()以下。申请农户至少满足以下条件之一。

1.家庭唯一住房出现安全问题,家庭无力解决。

2.家里吃水遇到困难,家庭无力解决,包括断水超过1个月、水质有问题、取水距离较远(时间较长)等。

3.家庭成员患大病、重病、长期慢性病等,医疗费用较高,家庭无力承担。

4.家庭成员中有残疾人,因劳动能力不足、康复需求、照护需求等,收入减少或支出增加,导致家庭经济困难。

5.家里学生上学开支较大,家庭无力承担。

6.家庭成员遭遇交通事故、安全生产事故等意外,收入减少或支出增加,导致家庭经济困难。

7.从事生产经营的农村家庭,产业项目受市场波动、成本变化等因素影响失败,家庭收入大幅减少。

8.外出务工就业的家庭成员,受劳动力市场变化等因素影响,务工收入骤减或大幅减少。

9.家庭主要劳动力成员丧失劳动力、变为弱半劳动力,导致收入骤减或大幅减少或整户无劳动能力,收入难以承担家庭支出。

10.因水旱等各类自然灾害,造成生产生活设施受损,自身难以解决以及收入减少或支出增加导致家庭经济困难。

除以上10种风险以外,其他造成家庭收入大幅缩减或刚性支出较大,可能导致返贫致贫风险。

二、申报方式

可以本人或委托他人通过以下方式申请。

(一)现场申报。在村级党群服务中心或县乡便民服务大厅防止返贫致贫农户自主申报窗口现场填写(防止返贫致贫对象申请书),也可委托乡村干部、驻村工作队员、乡村振兴专干和驻村第一书记等代为申报。易地搬迁群众和随迁群众向所在安置区()申报。

(二)电话申报拨打123170891-6132681电话申报根据人工提示,明确表明“自主申报防止返贫致贫对象”,按提示登记个人基本信息。

各乡镇申报热线:

工卡镇:0891-6132056

甲玛镇:0891-6137358

唐加乡:0891-6132266

尼玛江热乡:0891-6137932

扎雪乡:0891-6332240

扎西岗乡:0891-6137763

日多乡:0891-6132273

门巴乡:0891-6137068

(三)“一码通"申报。

1.微信扫描一码通二维码(如下图),按要求填报相关信息,即可自主申报。

2.农户通过西藏公安互联网+政务服务平台”-应用中心-帮扶专区-帮扶申请,填写申报信息进行申报。

三、申请须知

(一)申请防贫对象,须配合基层干部开展入户核实,如实准确提供家庭和成员有关信息,并授权依法依规核查核实家庭成员的收入、财产等相关信息,经村内评议公示、县乡逐级审核批准。过渡期未消除风险监测对象直接认定为防贫对象,不再履行认定程序,不再区分对象类别。

(二)已认定的防贫对象,将根据实际困难和突出问题,从住房安全保障、饮水安全保障以及健康、教育、产业、就业、金融、社会、综合保障等方面进行帮扶。

(三)家庭困难问题已解决,年人均可支配收入稳定超过当年防止返贫致贫收入标准、三保障及饮水安全持续巩固、返贫致贫风险已稳定消除的防贫对象,经入户核实、评议公示和审核批准后,对稳定消除返贫风险的,按照一般农户进行管理,退出时正在享受的小额信贷贴息、公益性岗位、雨露计划、教育帮扶等政策,延续至合同、协议到期或当前学年完成。对风险消除稳定性较弱,特别是收入不稳定、刚性支出不可控的,在促进稳定增收方面继续给予帮扶,风险稳定消除后再履行相应程序。

(四)风险消除后,如果又出现新的返贫致贫风险,可再次申报。

我们相信,在大家的共同努力下,通过落实防止返贫致贫常态化帮扶政策,防贫对象遇到的困难问题一定能够得到及时有效解决。希望广大农牧民朋友们能够自力更生,感恩奋进,通过自己的努力不断改善生活状况,用自己的双手勤劳致富创造更加幸福美满的生活!

རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམ་པ་ཚོ

2026ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་།རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་ནམ་ཡང་བརྟན་པོ་སྲུང་ཆེད།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། གྲོང་གསེབ་ཀྱི་ས་ཁུལ་ཡོངས་དང་།གྲོང་གསེབ་ཀྱི་ཐེམ་ཐོའི་མི་འབོར་ཚང་མ།དེ་བཞིན་གནས་སྤོས་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོར་བསྒྱུར་བའི་མི་འབོར།གྲོང་ཁྱེར་གྱི་འཆར་འགོད་ཁུལ་དུ་གནས་སྡོད་བྱས་ཀྱང་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འབྲེལ་ཡོད་འགན་སྲུང་སྲིད་ཇུས་ལོངས་སྤྱོད་ཐུབ་མེད་པའི་ཞིང་པ་མིན་པའི་མི་འབོར་སོགས་ལ་ཁ་ཕྱོགས་ནསཁྱིམ་ཚང་ལྟར་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ(གཤམ་དུ“དབུལ་ལོག་སྔོན་འགོག་བྱ་ཡུལ”ཞེས་བསྡུ་རྒྱུ)ཁོངས་སུ་གཏོགས་མིན་གཏན་འཁེལ་བྱ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་སྲིད་ཇུས་ཀྱི་གཙོ་གནད་གསལ་བསྒྲགས་བྱ་རྒྱུ་གཤམ་གསལ།

དང་པོ།  རེ་ཞུའི་ཆ་རྐྱེན།

2026ལོའི་ལྗོངས་ཡོངས་ཀྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ཡོང་འབབ་ཀྱི་ཚད་གཞི་ནི་ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8900(དེ་ཚུད)མན་ཡིན་པ་དང་།རེ་ཞུ་བྱེད་མཁན་ཞིང་དུད་ལ་གཤམ་གྱི་ཆ་རྐྱེན་དེ་ག་གི་ནང་ནས་མ་མཐར་ཡང་རིགས་གཅིག་འཛོམས་དགོས་པ་སྟེ

1.ཁྱིམ་ཚང་གི་སྡོད་ཁང་གཅིག་པུར་བདེ་འཇགས་ཀྱི་གནད་དོན་ཐོན་ནསཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་རིགས་དང་

2.ཁྱིམ་ཚང་གི་འཐུང་ཆུར་དཀའ་ངལ་འཕྲད་ནས། ཁྱིམ་ཚང་ལ་ཐག་གཅོད་བྱེད་པའི་ནུས་པ་མེད་པའི་རིགས། དེའི་ནང་དུས་ཡུན་ཟླ་བ་གཅིག་ཡན་འཐུང་ཆུ་ཆད་པ་དང་།ཆུའི་སྤུས་ཚད་ཡག་པོ་མེད་པ། ཆུ་ལེན་འི་བར་ཐག་རིང་བ(དུས་ཚོད་ཅུང་རིང་བ)སོགས་ཚུད་ཡོད།

3.ཁྱིམ་ཚང་གི་ནང་མིར་ནད་ཆེན་དང་།ནད་གཞི་ཚབས་ཆེན།ཡུན་རིང་གཅོང་ནད་སོགས་ཕོག་ནསསྨན་བཅོས་ཀྱི་འགྲོ་གྲོན་མཐོ་བ་དང་། ཁྱིམ་ཚང་ལ་སྨན་རིན་སྤྲོད་པའི་ནུས་པ་མེད་འི་རིགས

4.ཁྱིམ་ཚང་གི་ནང་མིའི་ནང་དབང་པོ་སྐྱོན་ཅན་ཡོད་པའི་རྐྱེན་གྱིས་ངལ་རྩོལ་ནུས་ཤུགས་མི་འདང་བ་དང་། དྲག་སྐྱེད་དང་ལྟ་སྐྱོང་སོགས་བྱེད་དགོས་ཀྱི་ཡོད་པས།ཡོང་འབབ་ཉུང་དུ་ཕྱིན་པའམ་ཡང་ན་འགྲོ་སོང་མང་དུ་ཕྱིན་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རིགས

5.ཁྱིམ་ཚང་གི་སློབ་གྲྭར་འགྲོ་མཁན་བུ་ཕྲུག་ལ་འགྲོ་སོང་ཅུང་ཆེ་བས། ཁྱིམ་ཚང་ལ་འགྲོ་གྲོན་གཏོང་བའི་ནུས་པ་མེད་པའི་རིགས།

6.ཁྱིམ་ཚང་གི་ནང་མིར་འགྲིམ་འགྲུལ་དང་བདེ་འཇགས་ཐོན་སྐྱེད་སོགས་བསམ་ཡུལ་འདས་པའི་ལས་འཛོལ་ཐོན་པའི་དབང་གིས་ཡོང་འབབ་ཉུང་དུ་ཕྱིན་པའམ་ཡང་ན་གཏོང་སྒོ་མང་དུ་ཕྱིན་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རིགས

7.ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྲོང་གསེབ་ཁྱིམ་ཚང་གི་ཐོན་ལས་རྣམ་གྲངས་ལ་ཁྲོམ་རའི་འཕར་ཆག་དང་མ་གནས་འགྱུར་ལྡོག་ཕྱིན་པ་སོགས་ཀྱི་རྐྱེན་པས་ཉམས་ཉེས་ཆེན་པོ་བྱུང་ནས།ཁྱིམ་ཚང་གི་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེན་ཕྱིན་པའི་རིགས།

8.ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་མཁན་ཁྱིམ་ཚང་གི་ཁོངས་མིར་ངལ་ནུས་ཁྲོམ་འི་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་གླ་པའི་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེན་ཕྱིན་པའི་རིགས།

9.ཁྱིམ་ཚང་གི་ངལ་ལས་བྱེད་མཁན་གཙོ་བོའི་ངལ་རྩོལ་ནུས་ཤུགས་ཤོར་བ་དང་།ངལ་ནུས་ཞན་དུ་ཕྱིན་པའི་དབང་གིས་ཡོང་འབབ་གློ་བུར་དུ་ཉུང་དུ་ཕྱིན་པའམ་ཉུང་དུ་ཤུགས་ཆེན་ཕྱིན་པ།ཡང་ན་ཁྱིམ་ཚང་ཧྲིལ་པོར་ངལ་རྩོལ་བྱེད་ནུས་མེད་པའི་དབང་གིས་ཁྱིམ་ཚང་གི་འགྲོ་གྲོན་གཏོང་དཀའ་བའི་རིགས།

10.ཆུ་ལོག་དང་ཐན་པ་སོགས་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱི་རྐྱེན་པས་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་ནསརང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་བ་དང་དེ་བཞིན་ཡོང་འབབ་ཉུང་དུ་ཕྱིན་པའམ་ཡང་ན་གཏོང་སྒོ་མང་དུ་ཕྱིན་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་རིགས།

གོང་གསལ་གྱི་ཉེན་ཁའི་རིགས་བཅུ་དེ་དག་ཕུད དེ་མིན་རྒྱུན་རྐྱེན་དབང་གིས་ཁྱིམ་ཚང་གི་ཡོང་འབབ་ཆེས་ཆེར་ཉུང་དུ་ཕྱིན་པའམ་ཡང་ན་མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཅུང་ཆེ་བས་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁའང་ཐོན་སྲིད་པའི་རིགས་བཅས་ཡིན།

གཉིས་པ།   རེ་ཞུ་འབུལ་སྟངས།

རང་ཉིད་དམ་མི་གཞན་ལ་མངགས་བཅོལ་བྱས་ཏེ་གཤམ་གྱི་བྱེད་སྟངས་བརྒྱུད་ནས་རེ་ཞུ་འབུལ་ཆོག

(གཅིག)ས་ཡུལ་དངོས་སུ་ཕྱིན་ནས་རེ་ཞུ་འབུལ་བ། གྲོང་ཚོ་རིམ་པའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སམ་ཡང་ན་རྫོང་དང་ཤང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ཞིང་དུད་ཀྱི་རང་བརྟེན་རེ་ཞུའི་ལས་སྟེགས་སུ་ཕྱིན་ནས། ས་གནས་ས་ཐོག་ཏུ(དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་གྱི་རེ་ཞུའི་ཡི་གེ)ཞུ་ཡིག་འབྲི་ཆོག་པ་དང་། ཡང་ན་གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་ གྲོང་ཚོར་བཅའ་སྡོད་ཀྱི་ཧྲུའུ་ཅི་དང་པོ་སོགས་ལ་མངགས་བཅོལ་བྱས་ནས་རེ་ཞུ་འབུལ་ཆོག གནས་སྤོས་མང་ཚོགས་དང་མཉམ་དུ་གནས་སྤོས་བྱས་པའི་མང་ཚོགས་ཀྱིས་རང་གནས་སའི་བཀོད་སྒྲིག་བྱ་ཡུལ(ས་ཚིགས)དུ་རེ་ཞུ་འབུལ་དགོས།

(གཉིས)ཁ་པར་ཐོག་ནས་རེ་ཞུ་འབུལ་བཁྱེད་ཀྱིས་ཨང་གྲངས་12317དང་ཡང་ན་0891-6132681ལ་ཁ་པར་བརྒྱབ་ནས་རེ་ཞུ་འབུལ་ཆོག་པ་དང་། ཁ་པར་ནང་གི་འཕྲུལ་མིས་དྲན་སྐུལ་བྱས་པ་ལྟར་རང་ཉིད་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དུ་རེ་ཞུ་བྱས་ནས། མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་ཐོ་འགོད་བྱེད་དགོས།

ཤང་(གྲོང་རྡལ)ཁག་གི་རེ་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་གཤམ་གསལ་ལྟར།

གུང་དཀར་གྲོང་རྡལ། 08916132056

རྒྱ་མ་གྲོང་རྡལ། 08916137358

ཐང་སྐྱ་ཤང་། 08916132266

ཉི་མ་ལྕང་ར་ཤང་། 08916137932

རྩ་ཞོལ་ཤང་། 08916332240

བཀྲ་ཤིས་སྒང་ཤང་། 08916137763

རུ་ཐོག་ཤང་། 08916132273

རྨམ་པ་ཤང་། 08916137068

(གསུམ) ཀུན་འཐུས་རྟགས་རིས་བཤེར་ནས་རེ་ཞུ་འབུལ་བ།

1.འཕྲིན་ཕྲན་ཐོག་ནས་ཀུན་འཐུས་རྟགས་རིས(གཤམ་གྱི་རི་མོ)བཤེར་བ་དང་། དེའི་བླང་བྱ་ལྟར་འབྲེལ་ཡོད་ཆ་འཕྲིན་བྲིས་ནས་རང་ངོས་ཀྱིས་རེ་ཞུ་འབུལ་དགོས།

2.ཞིང་དུད་ཀྱིས་བོད་ཀྱི་སྤྱི་བདེའི“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི་ལས་སྟེགས”ཐོག་གི་བཀོལ་སྤྱོད་ལྟེ་གནས་ཞེས་པའི་བརྒྱུད་རིམ་དེ་ནས་རོགས་སྐྱོར་ཆེད་ཁུལ་ཞེས་པའི་བརྒྱུད་རིམ་ལ་བརྒྱུད་དགོས་པ་དང་དེ་ནས་རོགས་སྐྱོར་རེ་ཞུ་བརྒྱུད་དེ་རེ་ཞུའི་ཆ་འཕྲིན་བྲིས་ནས་རེ་ཞུ་འབུལ་དགོས།

གསུམ་པ།  རེ་ཞུ་འབུལ་སྐབས་ཀྱི་ངེས་བྱ།

(གཅིག)དབུལ་ལོག་སྔོན་འགོག་བྱ་ཡུལ་གྱི་རེ་ཞུ་བྱས་ཚེ། ངེས་པར་དུ་གཞི་རིམ་ལས་བྱེད་པས་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་བྱས་ཏེཁྱིམ་ཚང་དང་ཁོངས་མིའི་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་དང་གནད་ལ་འཁེལ་པོས་མཁོ་འདོན་བྱེད་དགོས་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཁྱིམ་མིའི་ཡོང་འབབ་དང་རྒྱུ་ནོར་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་བརྟག་དཔྱད་ཞིབ་བཤེར་བྱ་རྒྱུའི་དབང་ཆ་སྤྲད་དེགྲོང་ཚོའི་ནང་དཔྱད་ཞིབ་ཡོངས་བསྒྲགས་བྱེད་པདང་རྫོང་དང་ཤང་རིམ་པ་བཞིན་ཞིབ་བཤེར་ཆོག་མཆན་བརྒྱུད་དགོས། བར་བརྒལ་སྐབས་ད་དུང་ཉེན་ཁ་སེལ་མེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དེ་ཐད་ཀར་དབུལ་ལོག་སྔོན་འགོག་བྱ་ཡུལ་དུ་གཏན་འཁེལ་བྱ་རྒྱུ་དང་། གཏན་འཁེལ་བྱེད་པའི་གོ་རིམ་ཡང་བསྐྱར་བརྒྱུད་མི་དགོས་པ་དང་། བྱ་ཡུལ་གྱི་རིགས་ཡང་བསྐྱར་དབྱེ་བ་མི་འབྱེད་པ་ཡིན།

(གཉིས)གཏན་འཁེལ་བྱས་ཟིན་པའི་དབུལ་ལོག་སྔོན་འགོག་བྱ་ཡུལ་ཡིན་ཕྱིན། དངོས་ཡོད་དཀའ་ངལ་དང་དམིགས་བསལ་གྱི་གནད་དོན་ལ་གཞིགས་ནས། སྡོད་ཁང་བདེ་འཇགས་འགན་སྲུང་དང་། འཐུང་ཆུའི་བདེ་འཇགས་འགན་སྲུང་། དེ་བཞིན་བདེ་ཐང་དང་། སློབ་གསོ ཐོན་ལས ལས་ཞུགས དངུལ་རྩ སྤྱི་ཚོགས ཕྱོགས་བསྡུས་འགན་སྲུང་སོགས་ཀྱི་ཐད་་རོགས་སྐྱོར་བྱ་རྒྱུ།

(གསུམ)ཁྱིམ་ཚང་གི་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཟིན་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་ལོ་དེའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་ཡོང་འབབ་ཀྱི་ཚད་གཞི་ལས་བརྟན་པོའི་ངང་བརྒལ་བ་དང་།“འགན་སྲུང་གསུམ”དང་དེ་བཞིན་འཐུང་ཆུའི་བདེ་འཇགས་རྒྱུན་མཐུད་བརྟན་པོ་ཡོད་པ། དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་བརྟན་པོའི་ངང་སེལ་བ་བཅས་ཀྱི་དབུལ་ལོག་སྔོན་འགོག་བྱ་ཡུལ་ཡིན་ཚེ། དུད་ཚང་ལ་བསྐྱོད་ནས་ཞིབ་དཔྱད་དང་། དཔྱད་ཞིབ་ཡོངས་བསྒྲགས ཞིབ་བཤེར་ཆོག་མཆན་བཅས་བྱས་རྗེས དབུལ་ལོག་གི་ཉེན་ཁ་བརྟན་པོའི་ངང་སེལ་བའི་དུད་ཚང་དེ་སྤྱིར་བཏང་གི་དབུལ་གྲོལ་མི་སྣ་ལྟར་དོ་དམ་བྱ་རྒྱུ་དང་དབུལ་ལོག་སྔོན་འགོག་བྱ་ཡུལ་ནས་ཕྱིར་འཐེན་བྱེད་སྐབས་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་སྐྱེད་ཀ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས“སྦྲང་ཆར་ཟིལ་མའི་འཆར་གཞི” སློབ་གསོའི་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད་པ་དེ་དག་གན་རྒྱ་དང་གྲོས་མཐུན་དུས་ཚོད་ཐིམ་པའམ་ཡང་ན་མིག་སྔའི་སློབ་དུས་ལེགས་སྒྲུབ་བར་སྣུར་སྲིང་བྱ་རྒྱུ། ཉེན་ཁ་མཐར་ཕྱིན་པ་སེལ་མེད་པ་དང་། ལྷག་པར་དུ་ཡོང་འབབ་བརྟན་པོ་མེད་པ་དང་། མ་གཏོང་ཀ་མེད་ཀྱི་གཏོང་སྒོ་ཚོད་འཛིན་བྱེད་མི་ཐུབ་པའི་རིགས་ལ ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་རོགས་སྐྱོར་བྱ་རྒྱུ་དང་། ཉེན་ཁ་བརྟན་པོའི་ངང་སེལ་ཚར་རྗེས་གཞི་ནས་བབ་བསྟུན་གྱི་གོ་རིམ་ཁག་ལག་བསྟར་བྱ་རྒྱུ།

(བཞི)ཉེན་ཁ་སེལ་ཚར་རྗེསགལ་ཏེ་སླར་ཡང་དབུལ་ལོག་དབུལ་འགྱུར་ཉེན་ཁ་གསར་པ་ཐོན་ཚེསླར་ཡང་རེ་ཞུ་འབུལ་ཆོག

ང་ཚོ་ཚང་མའི་ཐུན་མོང་འབད་བརྩོན་འོགདབུལ་ལོག་དབུལ་འགྱུར་སྔོན་འགོག་གི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུདདབུལ་ལོག་སྔོན་འགོག་བྱ་ཡུལ་ལ་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།རེ་བར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རང་སྟོབས་རང་འཕེལ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེརང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཚོ་བ་ལེགས་སུ་གཏོང་བ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་ཆགས་པ་བྱས་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་གཏོད་དགོས།  


分享到:
责任编辑:格桑旺姆