登 录    |    注 册
    |        |    无障碍

拉萨市各级党员干部和公职人员疫情防控期间“十个严禁”

墨竹工卡县人民政府    2020年02月20日    来源:拉萨发布    作者:墨竹工卡县 访问量:

    ཉེ་དུས་ཀྱི་ཕྱིར་ལོག་བྱེད་མཁན་དང་ལས་གནས་སུ་ཕྱིར་ལོག་བྱེད་མཁན་མི་སྣ།ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་དུས་བབ་གསར་པར་ནུས་ལྡན་ངང་ཁ་གཏད་གཅོག་པ་དང་། གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་ནད་མཆེད་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་སར་ལོག་པ་དང་ལྷ་སར་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་གཏན་འགོག་བཅུའི་སྒྲིག་ཁྲིམས་བླང་བྱ་ཁ་གསལ་བཏོན་ཡོད། 
    为有力有效应对近期人员返程返岗和企业复工复产的新形势,全面落实市新型冠状病毒感染的肺炎疫情联防联控工作领导小组要求,坚决遏制疫情扩散蔓延,全力保障打赢疫情防控这场阻击战,拉萨市纪委监委向返拉、在拉党员干部和公职人员明确提出疫情防控期间“十个严禁”纪律要求。

༡.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་འདུ་འཛོམས་དང་། འདུ་འཛོམས་བྱས་ནས་ཟ་འཐུང་ལ་རོལ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་རིགས་གཏན་འགོག་བྱེད་དགོས།  

1.严禁党员干部和公职人员组织或参与各类聚集、聚餐、聚会等活动。

༢.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ཆོག་མཆན་མ་ཐོབ་པར་རང་དགར་རིམས་ནད་ཁུལ་གཙོ་བོ་ནས་ལྷ་སར་ལོག་པའམ་ཡང་ན་ལྷ་ས་ནས་ཕྱིར་འགྲོ་རིགས་གཏན་འགོག་བྱ་དགོས། 

2.严禁党员干部和公职人员未经批准擅自从重点疫区返拉或从拉外出。

༣.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པ་ལྗོངས་ཕྱི་ནས་ལྷ་སར་ལོག་རྗེས་ཚན་པ་དང་གྲོང་ཚོ་(སྡེ་ཁུལ་)དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཁྱིམ་སྡོད་ལྟ་སྐོར་བཀོད་སྒྲིག་གཞིར་བཟུང་གཞོགས་འདེགས་དང་། དོན་འཁྱོལ། ལག་བསྟར་བཅས་བྱེད་དགོས། 

3.严禁党员干部和公职人员从区外返拉后,不配合、不落实、不执行所在单位和村(社区)及相关部门安排居家留观的规定。

༤.ལྷ་སར་ཕྱིར་ལོག་བྱས་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་རིམས་ནད་ཁུལ་གཙོ་བོའི་བྱེད་སྒོའི་རྗེས་ཤུལ་དང་དེ་བཞིན་འབྲེལ་ཡོད་ནད་གཞི་གཏན་འཁེལ་རམ་ཡང་ན་ནད་པ་དང་འབྲེལ་བ་དམ་ཟབ་བྱེད་པ་སོགས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ་གཏན་འགོག་བྱེད་དགོས། 

4. 严禁返拉党员干部和公职人员不如实报告经过重点疫区的活动轨迹及与相关确诊或者疑似患者进行密切接触等情况。

༥.ལྷ་སར་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ལས་གནས་ནས་རང་དགར་བྲལ་རྒྱུ་གཏན་འགོག་བྱེད་པ་དང་། གཅིག་གྱུར་བཀོད་འདོམས་ལ་མི་ཉན་པ་དང་གཅིག་གྱུར་བཀོད་གཏོང་དང་བཀོད་སྒྲིག་ལ་བརྩི་སྲུང་མི་ཞུ་བ་བཅས་གཏན་འགོག་བྱེད་དགོས། 

5. 严禁在拉党员干部和公职人员在疫情防控工作中擅离职守,不听从统一指挥、不服从统一调度和安排。

༦.ལྷ་སར་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ལྗོངས་དང་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་མི་བྱེད་པ་དང་།རང་ཉིད་གནས་སའི་གྲོང་ཚོ་དང་སྡེ་ཁུལ་འབྲེལ་ཡོད་ཚན་པར་གཞོགས་འདེགས་མ་བྱས་པར་རིམས་ནད་གྲལ་བཤེར་དང་།འགོག་ཟོན།ལོགས་སུ་བཀར་བ་སོགས་ཀྱི་ལས་དོན་མི་སྤེལ་བ་གཏན་འགོག་བྱ་དགོས།

6. 严禁在拉党员干部和公职人员不执行区市疫情防控有关规定,不配合所在村(社区)和相关部门开展疫情排查、防控、隔离工作。

༧.ལྷ་སར་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་གཞུང་ལས་པས་ས་ཆ་གཞན་ནས་གཉེན་ཉེ་དང་གྲོགས་པོའི་འབྲེལ་ཡོད་གནས་ཚུལ་སྦ་གསང་བྱེད་པའམ་ཡང་ན་བབ་བསྟུན་གྱི་ལོགས་བཀར་བྱེད་ཐབས་དོན་འཁྱོལ་མི་བྱེད་པར་རྐང་བཙུགས་ནས་རྒྱ་ཡན་དུ་བཏང་མི་ཆོག 

7. 严禁在拉党员干部和公职人员隐瞒外地来拉亲属、朋友有关情况,或者故意纵容不落实相应隔离措施。

༨.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་སྤེལ་བ། དཀྲོག་གཏམ་འགྲེམས་པ་བཅས་བྱས་མི་ཆོག་པ་མ་ཟད་དེ་བཞིན་སྤྱི་ཚོགས་ལ་འཇིགས་སྣང་བཟོ་སྲིད་པའི་ཆ་འཕྲིན་གཞན་དག་གཏན་འགོག་བྱ་དགོས། 

8. 严禁党员干部和公职人员参与制造、传播、散布谣言以及其他可能引发社会恐慌的信息。

༩.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ཕྱིར་ལོག་མི་སྣར་ཞིབ་བཤེར་གཏན་འབེབས་དང་། ལོགས་བཀར། འགན་སྲུང་སོགས་ཀྱི་གཏན་འབེབས་ལ་འགེབས་སྲུང་དང་། ཕྱོགས་ཞེན་བྱེད་པ། གནོད་འཚེ་གཏོང་བ་བཅས་གཏན་འགོག་བྱ་དགོས། 

9. 严禁党员干部和公职人员利用职务之便,对返拉人员审核、隔离、保障等规定予以包庇、袒护或刁难。

༡༠.ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་གོང་རིམ་གྱི་འབྲེལ་ཡོད་བླང་བྱ་དང་གཏན་འབེབས་ལས་འགལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་རྐྱེན་བཟོ་བའི་བྱེད་སྤྱོད་གཞན་དག་གཏན་འགོག་བྱེད་དགོས། 

10. 严禁党员干部和公职人员违反上级有关要求和规定,有其他影响疫情防控工作的行为。

གོང་གསལ་ནི་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་། རང་གིས་རང་ལ་གཅུན་སྡོམ་དང་རང་ཉིད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་རྙོག་དྲ་མི་བཟོ་བ་དང་། སྤྱི་ཚོགས་ལ་རྙོག་དྲ་མི་བཟོ་བ་མཐའ་གཅིག་ཏུ་བྱ་དགོས། དེ་དང་ཆབས་ཅིག་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་། གཞུང་ཞབས་པ། དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ལ་ལྟ་སྐུལ་གནང་རོགས་ཞུ་དགོས་ཞིང་། འབྲེལ་ཡོད་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་བརྡ་ཁྱབ་བཏང་ནས་ཐེར་འདོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད། 

以上,请全市各级党员干部和公职人员严格遵守,加强自我约束和自我监督,坚决不给市委、市政府添乱,不给社会添麻烦。同时,也请各级党员干部和公职人员以及广大人民群众进行监督,一经发现相关人员违反疫情防控纪律行为,纪检监察机关将严肃处理并通报曝光,切实为打赢疫情防控阻击战提供坚强纪律保障。

ཐེར་འདོན་ཁ་པར། ༠༨༩༡-༦༣༢༥༢༣༨

举报电话:0891—6325238

ཐེར་འདོན་ཡིག་སྒམ།ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཡིག་བསྐུར་ངོ་བཅར་ཁང་།སྦྲག་ཨང་༨༥༠༠༠༠

举报信箱:拉萨市纪委监委信访室(邮编:850000)

ཐེར་འདོན་དྲ་ཚིགས།  http://www.lsjjw.gov.cn:6080

举报网站:http://www.lsjjw.gov.cn:6080

ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་

ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། 

拉萨市新型冠状病毒感染的肺炎疫情

联防联控工作领导小组办公室

༢༠༢༠ལོའི་ཟླ་༢ཚེས་༡༤ཉིན། 

2020年2月14日

分享到:
责任编辑:墨竹工卡县